30༄༅།།དུས་རབས་བཅོ་བརྒྱད་པར་བྱུང་བའི་《གོང་མ་ཁང་ཞིའི་མངའ་ཁོངས་ཀུན་གསལ་རི་མོ་》ལས་མདོ་དབུས་མཐོ་སྒང་གི་སྐོར་ལ་དཔྱད་པ།བཀའ་འབུམ་རྒྱལ།ལྷ་མོ་སྐྱིད།(མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་།མཚོ་སྔོན་ཟི་ལིང་།81007)[གནད་བསྡུས]《གོང་མ་ཁང་ཞིའི་མངའ་ཁོངས་ཀུན་གསལ་རི་མོ་》ནི་ཆིང་གོང་མས་རྩ་འཛུགས་བྱས་ཏེ་བྲིས་པའི་ཀྲུང་གོའི་མངའ་ཁོངས་ཀུན་འདུས་ཀྱི་ས་ཁྲའམ་ཡུལ་གྱི་བཀོད་པ་མཚོན་པའི་རི་མོ་གལ་ཆེན་ཞིག་སྟེ།དེས་ཀྲུང་གོའི་ས་ཁྲའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་ཡོད་པ་མ་ཟད།ཆིང་རྒྱལ་རབས་སྐབས་ཀྱི་རྒྱལ་སྐྱོང་སྲིད་ཇུས་དང་སྤྱི་ཚོགས་དཔལ་འབྱོར་སོགས་ཀྱི་ཐད་ལའང་ནུས་པ་ཆེན་པོ་ཐོན་ཡོད།རི་མོ་དེའི་ཁྲོད་ཀྱི་མདོ་དབུས་མཐོ་སྒང་གི་སྐོར་ནི་དུས་རབས་རིམ་བྱུང་ཁྲོད་ཀྲུང་དབྱང་སྲིང་གཞུང་གིས་བྲིས་པའི་བོད་འབྲེལ་ས་ཁྲ་ཐོག་མ་ཡིན་མོད།མིག་སྔར་རིག་གཞུང་པའི་སྡེ་རུ་མདོ་དབུས་མཐོ་སྒང་གི་ས་ཁྲ་དེར་ཞིབ་འཇུག་བྱས་པ་ཤིན་ཏུ་ཉུང་ལ།དེའི་རིག་གཞུང་གི་རིན་ཐང་དང་དོན་སྙིང་སོགས་ལའང་དོ་སྣང་བྱེད་མཁན་མེད་པས།འདིར་རྒྱ་བོད་སྐད་གཉིས་ཀྱི་ལོ་རྒྱུས་ཡིག་ཚངས་ཁག་ཅིག་གཞིར་བཟུང་ནས་མདོ་དབུས་མཐོ་སྒང་གི་ས་ཁྲ་དེར་དཔྱད་ཡོད།དེའང་ཞིབ་འཇུག་བྱས་པ་ལྟར་ན་ས་ཁྲ་དེ་ནི་མདོ་སྨད་ས་ཆར་སྐུ་འཁྲུངས་པའི་དགེ...