156༄༅།།བོད་ལུགས་གསོ་རིག་ལས་སྦྲུམ་དུས་ལན་ཚྭ་བསྟེན་དྲགས་པ་ལས་བྱིས་པར་གློ་ནད་འབྱུང་བའི་སྐོར་ལ་དཔྱད་པ།དཀར་མཚོ་རྒྱ།དཀོན་མཆོག་རྒྱལ་མཚན།*(མཚོ་སྔོན་སློབ་གྲྭ་ཆེན་མོ།མཚོ་སྔོན་ཟི་ལིང་།810016)[གནད་བསྡུས]བོད་ལུགས་གསོ་རིག་ལས་ལན་ཚྭ་བསྟེན་དྲགས་པ་ལས་གློ་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་འབྱུང་ངེས།སྤྱིར་བདེ་ཐང་གི་ལན་ཚྭ་བསྟེན་ཚད་ནི་ཉིན་རེར་6gལས་བརྒལ་མི་རུང་།འོན་ཀྱང་མི་མང་ཆེ་བས་ཉིན་རེར་ལན་ཚྭའི་བསྟེན་ཚད་བདེ་ཐང་གི་ཚད་གཞི་ལས་བརྒལ་བ་རེད།དེ་བས་ཚབས་ཆེ་བ་ཞིག་ནི་མངལ་སྦྲུམ་པའི་དུས་ལ་མ་ཡི་གཟུགས་ཁམས་ལ་འགྱུར་ལྡོག་བྱུང་བའི་དབང་གིས་སྦྲུམ་མས་ལན་ཚྭ་བསྟེན་ཚད་ནམ་རྒྱུན་ལས་མངོན་གསལ་གྱིས་མང་དུ་ཕྱིན་ཡོད་སྟབས།དེར་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན།ལར་བྱིས་པའི་ནད་ཀྱི་རྒྱུ་ནི་རྣམ་པར་མ་གྱུར་པའི་རླུང་མཁྲིས་བད་ཀན་གསུམ་ཡིན་ལ་དེ་ལ་རྣམ་པར་གྱུར་བྱེད་ཀྱི་རྐྱེན་ནི་གཉིས་ཡོད་དེ།མ་ལས་བྱུང་བའི་རྐྱེན་དང་།བུ་ལས་བྱུང་བའི་རྐྱེན་གཉིས་ཡོད།སྤྱིར་མ་རྐྱེན་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་ལས་སྐབས་སུ་བབ་པ་ནི་ལན་ཚྭ་བསྟེན་དྲགས་པའི་རྐྱེན་དེ་ཡིན།རྒྱུ་མཚན་ནི་བོད་ཁུལ་དུ་བྱིས་པར་གློ་ནད་བྱུང་ཚུལ་ཧ་ཅང་མཐོ་བར་མངོན།དེ་ལ་མིག་སྔའི་ཞིབ་འཇུག་ལྟར་ན་ལན་ཚྭ་བསྟེན་དྲགས་པ་དང་འབྲེལ་...